མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །སྣང་སྲིད་འཁོར་ལོར་བསྡོམས་པ་མཆོག །གནས་ཀྱི་ཡང་སྙིང་ཛཱལན་དྷར། །ཨོ་ཌི་ཡ་ཎའི་ནུབ་ཀྱི་ཆ། །ཏེ་ལོ་ན་རོ་མར་པའི་གནས། །ཁྱད་པར་བརྩེ་ཆེན་པད་དཀར་འཛིན། །གནས་མཆོག་གྲུ་འཛིན་གསུམ་པ་རུ། །ལྷུན་གྱི་གྲུབ་པའི་ཞིང་ཁམས་ན། །དམར་པོ་དར་གྱི་ན་བཟའ་ཅན། །ལག་པས་དཀར་པོ་སྤྱི་བོར་སྦས། །གཟི་གདངས་འོད་ཟེར་ཀུན་ལ་འཕྲོ །ཁྱད་པར་ཉམས་ཆུང་དག་ལ་འཕྲོ །སུ་ཡིས་འདི་མཐོང་ཙམ་གྱིས་ཀྱང་། །ཕན་ཐར་ས་བོན་ཐེབས་པར་ཤོག །ཨ་ལ་ལ་ཧོ། ཨེ་ཨ་ར་ལི་ཧོ། །ཐལ་ཆ་ཆེ་ན་བཟོད་པར་མཛོད། །རྩེད་མོ་ཡིན་ཏེ་མཐོལ་ལོ་བཤགས། །དེང་སང་རང་དབང་ལུང་པ་ནང་། །སེམས་ནས་བསམ་ཚད་ཁ་ནས་ཤོར། །སེམས་ནད་བསངས་པའི་ཕན་ཐོགས་བདོགས། །ཀུན་ལ་དགོངས་པ་མ་འཚོམ་ཞུ། །ཧ་ཧ་ཧི་ཧི་ཨ་ཨ་ཨ། །